11077

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་མཐོང་མཚན་ཉིད་པ
Tibetan Definition ཞི་གནས་ཀྱི་ངང་ནས་རང་གི་དམིགས་པ་ལ་དཔྱད་སྟོབས་ཀྱིས་དྲངས་པའི་ཤིན་སྦྱངས་ཀྱི་བདེ་བས་ཟིན་པའི་ཤེས་རབ། རྗེའི་ལམ་རིམ་ཆེན་མོ་ལས། ཤིན་ཏུ་སྦྱངས་པ་དེ་མ་སྐྱེས་ཚུན་ཆོད་དུ་ལྷག་མཐོང་རྗེས་མཐུན་པ་ཡིན་ལ། ཤིན་ཏུ་སྦྱངས་པ་སྐྱེས་པ་ན་ལྷག་མཐོང་མཚན་ཉིད་པ་ཡིན་ཏེ། ཞེས་གསུངས་པ་ལྟར་རོ། །བོད་རྒྱ་ཚིག་མཛོད་ཆེན་མོར། གནས་ལུགས་ཀྱི་དོན་ཆ་འདྲ་ཙམ་མཐོང་བ། ལྷག་མཐོང་རྗེས་མཐུན་པའི་དོན་དང༌། གནས་ལུགས་ཀྱི་དོན་ཡང་དག་པ་མཐོང་བ། ལྷག་མཐོང་མཚན་ཉིད་པའི་གོ་དོན་དུ་བཞག་འདུག་པ་ཁྱབ་ཆུངས་པས་སྐྱོན་ཏེ། ལྷག་མཐོང་རྗེས་མཐུན་པ་དང་མཚན་ཉིད་པའི་དོན་ནི། མདོ་སྡེ་དགོངས་འགྲེལ། ཤེས་ཕྱིན་མན་ངག རྗེ་ཙོང་ཁ་པའི་གསུང་རྣམས་སུ་གསལ་བ་ལྟར། དཔྱད་སྟོབས་ཀྱིས་དྲངས་པའི་ཤིན་སྦྱངས་ཀྱི་བདེ་བས་ཟིན་མ་ཟིན་གྱི་སྒོ་ནས་འཇོག་གི་ལྷག་མཐོང་ལ་གནས་ལུགས་ཀྱི་དོན་མཐོང་བ་ག་ལ་དགོས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་སྨད་ཆ་ཤོག་གྲངས་༡༣༡ ལས་ཀྱི་དེ་དག་གི་མཚན་ཉིད་རྗེའི་གསུང་དང་མཐུན་པར་གསུངས་ཡོད་དོ། །