11082

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷག་མོས་ཀྱི་ལྷ
Tibetan Definition (གསང་སྔགས) ས་བོན་ཕྱག་མཚན་སོགས་ལས་བསྐྱེད་མི་དགོས་པར་ལྷག་པར་ཏེ་ཤས་ཆེར་མོས་པ་ཙམ་གྱིས་སྐད་ཅིག་གིས་བསྐྱེད་པའི་ལྷ་ལ་ལྷག་མོས་ཀྱི་ལྷ་ཟེར། ལྷག་མོས་ཀྱི་ལྷ་སྐད་ཅིག་དཀྲོང་བསྐྱེད་བྱེད་པ་ནི། འཛམ་བུ་གླིང་པའི་བསྐལ་པ་དང་པོའི་མི་རྣམས་བརྫུས་ཏེ་སྐྱེས་པ་དང་ཆོས་མཐུན་པ་ཡིན་ནོ། །རྗེའི་གསང་འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་ལ་གཞི་བྱས། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༦༩ན༢ལས། མདོ་བསྲེ་ལས། ལྷག་པར་མོས་པ་ཅན་གྱི་སེམས་ཀྱིས། ཞེས་གསུངས་པ་ལྟར། ལྷ་སོ་གཉིས་པོ་ཐམས་ཅད་ས་བོན་དང་ཕྱག་མཚན་སོགས་ལས་རིམ་གྱིས་བྱུང་བ་མ་ཡིན་པར། རང་གི་སེམས་ཀྱིས་ལྷ་ཐམས་ཅད་དཀྱིལ་འཁོར་ལ་འཁོད་པར་མོས་པའི་སྐད་ཅིག་དེ་ཉིད་ལ་ལྷ་ཐམས་ཅད་ཞལ་ཕྱག་སོགས་ཡོངས་སུ་རྫོགས་པར་རྫུས་སྐྱེས་བཞིན་དུ་ཅིག་ཅར་གྲུབ་པར་མོས་པ་བྱ་སྟེ། ཞེས་གསུངས་སོ། །