11086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷགས་པ
Tibetan Definition 2 ལྷུང་བ། ཟག་པ། འབྲུལ་བ། བརྒྱད་སྟོང་པ་ལས། ཤིང་སྣ་ཚོགས་ཀྱི་ཡལ་གའི་ལོ་མ་རྙིང་པ་རྣམས་ལྷགས་པ་ལས་ལོ་མ་སྣ་ཚོགས་བྱུང་སྟེ། ཞེས་གསུངས་པ་ལྟར་རོ། །ལམ་རིམ་ཆེན་མོ་ལས་ཀྱང་། གྲིབ་མ་བརྟེན་ཅིང་འཁོད་པ། ཤིང་ལས་རལ་གྲི་ལྷགས་ཏེ། དེ་དག་གི་ཡན་ལག་དང་ཉིང་ལག་འབིགས་ཤིང་གཤེག་གོ། ཞེས་གསུངས་པ་ལྟར་རོ། །གཞན་ཡང༌། ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་ཡོངས་སུ་ལྷགས་པར་གྱུར་ཏོ་ལྟ་བུ།