11091

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷང་ངེ༌
Tibetan Definition 2 ཟིལ་གྱིས་གནོན་པའི་ཚུལ་གྱིས་གནས་པའི་དོན། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། མེ་ཏོག་ཕུན་སུམ་ཚོགས་པས་ཤིང་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་ལྷང་ངེ་ཞེས་གསུངས་སོ། །ཞེས་གསུངས། རྗེའི་ལམ་རིམ་བསྡུས་དོན་ལས། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཞེས་གསུངས་པ་ལྟར་རོ། །ལྷམ་མེར་ལྷན་ནེ་ལྷང་ངེ་ལ་གཟིགས།