11095

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷན་གྱིས
Tibetan Definition རང་བཞིན་གྱིས། རང་ཤུགས་ཀྱིས། ངམ་ངམ་ཤུགས་ཤུགས་ཀྱིས། ངང་གིས། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་ལས། ཡིད་ཆེས་པའི་དད་པ་ནི། བླ་མ་དམ་པ་དང་མཇལ་ཏེ། ཆོས་ཐོས་ཙམ་ན། ཆོས་དང་བླ་མ་ལ་ཡིད་ལྷན་གྱིས་ཆེས་པ་དང༌། དཔེར་ན་མ་དང་བུ་འཕྲད་པ་ལྟ་བུ་ཞིག་ལ་ཟེར་བ་ཡིན། ཞེས་གསུངས་པ་ལྟར་རོ། །ཀརྨ་པ་དབང་ཕྱུག་རྡོ་རྗེའི་ངེས་དོན་རྒྱ་མཚོ་ལས། རྣམ་རྟོག་ཐམས་ཅད་རྡོ་ཚན་ལ་ཁ་བ་བབ་པ་ལྟར་གཉེན་པོ་བསྟེན་མི་དགོས་པར་ཆོས་ཉིད་ཀྱི་ངང་དུ་ལྷན་གྱིས་ཞི་ཞིང་རང་ཡལ་དུ་འགྲོ་བའི་སྤྱོད་པ་ཞིག