11097

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷན་ཅིག་དམིགས་ངེས
Tibetan Definition ལྷན་ཅིག་པ་ནི་དུས་གཅིག་པ། དམིགས་པ་ནི་ཚད་མས་རྟོགས་པ། ངེས་པ་ནི་ཁྱབ་པའོ། །མདོར་ན་དུས་གཅིག་ཏུ་རྟོགས་པས་ཁྱབ་པ་ཞེས་པའོ། །དཔེར་ན་སྔོན་པོ་སྔོན་འཛིན་མངོན་སུམ་གྱི་ཚད་མས་ནམ་དམིགས་པ་དང་དུས་མཉམ་དུ་སྔོན་འཛིན་མངོན་སུམ་ཡང་རང་མྱོང་བའི་རང་རིག་མངོན་སུམ་གྱིས་དམིགས་པས་ཁྱབ་ལ། སྔོན་འཛིན་མངོན་སུམ་ཚད་མ་རང་རིག་གིས་དམིགས་པའི་ཚེ་སྔོན་པོ་ཡང་སྔོན་འཛིན་ཚད་མས་དམིགས་པས་ཁྱབ་པ་ལྟ་བུའོ། །འདི་ནི་སེམས་ཙམ་པས་གཟུང་འཛིན་རྫས་གཞན་མེད་པར་བསྒྲུབ་པའི་རིགས་པ་ཞིག་སྟེ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་པ་ལྟ་བུ་སྟེ་དཔེར་ན། སྔོན་པོ་ཆོས་ཅན། སྔོན་འཛིན་མངོན་སུམ་དང་རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཞེས་པ་ལྟ་བུ།