11101

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷན་ཅིག་སྐྱེས་པ
Tibetan Definition 2 (བཀའ་བརྒྱུད) སེམས་ཉིད། རྒྱས་པར་བཤད་ན། འགྲོ་མགོན་གྱིས། སེམས་དང་རྣམ་རྟོག་ཆོས་སྐུ་གསུམ། །དང་པོ་ལྷན་ཅིག་སྐྱེས་པ་དེ། །ཞེས་དང༌། ཡང་དེ་ཉིད་ལས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རླབས།། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་པའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། སེམས་ཉིད་གཅིག་པུ་འདི་ལ་རིག་སྟོང་གསལ་གསུམ་ལྷན་ཅིག་ཏུ་སྐྱེས་པ་སྟེ། དཔེར་ན་གསེར་གྱི་ངོ་བོ་གཅིག་ལ་ཁ་དོག་སེར་བ། ལྕིད་ཆེ་བ། བཞུ་བཏུལ་བྱས་པས་ངན་དུ་མི་འགྲོ་བ་གསུམ་དུས་མཚུངས་སུ་གནས་པ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །