11106

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷན་ཅིག་སྐྱེས་པའི་ཡེ་ཤེས
Tibetan Definition 2 རིག་མ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ནོར་བུར་བཟུང་བས་གཉིས་སྣང་གི་རྟོག་པ་རགས་པ་ལོག་པ་ན་ལྟ་བ་དྲན་པར་བྱས་ནས་ལྟ་ཐོག་ཏུ་བཞག་པའི་ཡེ་ཤེས་ལ་ཟེར། རྗེའི་སྔགས་རིམ་ཆེན་མོ་ལས། སློབ་མ་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང་ལྡན་པ་ལ་བླ་མས་དབང་གསུམ་པའི་ཡེ་ཤེས་སྐབས་གང་དུ་སྐྱེ་བ་བརྡ་སྤྲད་ནས་དབང་བསྐུར་བའི་ཚེ་རིག་མ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ནོར་བུར་བཟུང་བས་གཉིས་སྣང་གི་རྟོག་པ་རགས་པ་ལོག་པ་ན་ལྟ་བ་དྲན་པར་བྱས་ནས་ལྟ་ཐོག་ཏུ་བཞག་པའི་ཡེ་ཤེས་དེ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱའི། ལུས་དང་སེམས་ཀྱི་ཚོར་བ་བདེ་བ་ཙམ་བྱུང་བ་དང་དེའི་མཐུས་སེམས་མི་རྟོག་པར་གནས་པ་ཙམ་མིན་ནོ། །འོན་ཀྱང་ཡིན་ལུགས་ཀྱི་ལྟ་བ་ལེགས་པར་མ་གོ་བ་རྣམས་ལ་བདེ་བ་དང་བཅས་པའི་མི་རྟོག་པ་སྐྱེས་པ་ཡང་དབང་གསུམ་པར་ངོ་སྤྲད་དགོས་སོ། །ཞེས་སོགས་གསུངས་སོ། །ལྷན་སྐྱེས་ཀྱི་ཡེ་ཤེས་ལ། བཅོས་མ་དང་བཅོས་མ་མ་ཡིན་པ་གཉིས་ཡོད་དེ། རྗེའི་སྔགས་རིམ་ཆེན་མོ་ལ། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་སྐབས་སུ་བཅོས་མིན་གྱི་ལྷན་སྐྱེས་དང་མངོན་སུམ་དུ་མ་རྟོགས་པའི་སྐབས་སུ་དེ་ཁོ་ན་ཉིད་ལ་མོས་པ་ཡིད་བྱེད་ཀྱིས་འཇུག་པས་བཅོས་མའི་ལྷན་སྐྱེས་དབང་གསུམ་པའི་སྐབས་ཉིད་དུ་གསུངས་ཏེ། ཞེས་གསུངས་སོ། །རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དབང་དོན་དེ་ཉིད་ཡང་གསལ་༩ན༤ལས། རྣལ་འབྱོར་བླ་མེད་ནི་ཡུལ་ཅན་ཤིན་ཏུ་ཕྲ་བ་ལྷན་སྐྱེས་ཀྱི་སེམས་ཀྱིས་སྟོང་ཉིད་བསྒོམ་པ་དང་ལུས་ལ་གནད་དུ་བསྣུན་པའི་ཕྱི་ནང་གི་ཐབས་ཁྱད་པར་ཅན་ལས། ཞེས་སོགས་ཀྱིས་ཀྱང་ཅུང་ཟད་གོ་ནུས་སོ། །