1111

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་གྲགས་ཀྱི་སྦྱོར་བ
Tibetan Definition མིག་ཆོས་ཅན། གཟུགས་ལ་ངོ་བོ་ཉིད་ཀྱིས་མི་ལྟ་སྟེ། རང་ལ་མི་ལྟ་བའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་པ་ལྟ་བུ། ཆོས་ཅན་དང་རྟགས་དཔེ་སོགས་དངོས་སྨྲ་བ་རང་གི་ལུགས་ལ་རང་མཚན་སྣང་བ་ལ་ལྟོས་ཏེ་མ་འཁྲུལ་བའི་ཚད་མའི་རྙེད་དོན་འདོད་པས་དངོས་སྨྲ་བ་ལ་རང་གྲགས་ཀྱི་སྦྱོར་བ་དང༌། དབུ་མ་པ་ལས་གཞན་དངོས་སྨྲ་བའི་ལུགས་ལ་དེ་ལྟར་གྲགས་པས་གཞན་གྲགས་ཀྱི་སྦྱོར་བ་ཞེས་བྱ་སྟེ། ཆོས་ཅན་དང་རྟགས་དཔེ་སོགས་སྔ་རྒོལ་གྱིས་ཁས་ལེན་ཀྱང་དེ་དག་རང་མཚན་ལ་མ་འཁྲུལ་བའི་ཚད་མས་རྙེད་པ་ཕྱི་རྒོལ་ཁོ་ན་ལས་རྒོལ་བ་གཉིས་ཀ་ལ་མཐུན་སྣང་དུ་མ་གྲུབ་པས་ན་གཉིས་ཀ་ལ་མ་གྲུབ་པ་ཞེས་བྱ་བའི་དོན་ཡང་ཤེས་སོ། །གོང་གི་དེ་ལམ་རིམ་ཆེན་མོའི་གསུང་ཚུལ་དང༌། ཡང་གསུང་ཚུལ་གཞན་ཞིག་ལ། གཞན་གྲགས་ཀྱི་རྟགས་ཞེས་པ་ཡུལ་རང་ངོས་ནས་མ་ཡིན་པར། ཐ་སྙད་གཞན་ལ་གྲགས་པའི་རྟགས་དང་སྦྱོར་བ་ལ་ཟེར། ཐ་སྙད་པའི་ཚད་མ་ལ་གཞན་ཟེར་བ་དང༌། གཞན་ཐ་སྙད་པའི་ཚད་མ་དེ་ལ་ལྟོས་ནས་རྟགས་ཆོས་འཇོག་ལུགས་འགྲོ་འོང་གི་དཔེས་གསུངས་སོ། །ཞེས་ཀྱང་མཁས་པ་འགའ་གསུང༌།