11114

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷན་སྐྱེས་ཀྱི་ཕོ་ཉ
Tibetan Definition འོད་གསལ་དང་ཟུང་འཇུག་གི་རྟོགས་པ་བརྙེས་པའི་གསང་སྔགས་ཀྱི་ཕྱག་རྒྱ་མའམ་རྣལ་འབྱོར་མ། དེའི་ཡོན་ཏན་ནི་མཛེས་ཤིང་ཡིད་དུ་འོང་བ། རོ་སྨད་རྒྱས་ཤིང་འདོམ་སྟུག་པ། ནུ་འབུར་རྒྱས་ཤིང་ནུ་བར་དོག་པ། ལུས་ལ་དྲི་བཟང་པོ་འཕྲོ་བ། འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པའི་བུད་མེད་དོ། །འདོད་ཡོན་མྱུར་དུ་སྒྲུབ་པའི་མི་ལ་ཕོ་ཉའི་བང་ཆེན་ཞེས་པ་ལྟར། འདིས་ཀྱང་ལྷན་སྐྱེས་ཀྱི་བདེ་སྟོང་མྱུར་དུ་བསྐྱེད་པའི་ཕྱིར་ཕོ་ཉ་ཞེས་བཏགས།