11143

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷའི་འཆི་ལྟས་ལྔ
Tibetan Definition (ཕར་ཕྱིན) ལུས་ཀྱི་ཁ་དོག་མི་སྡུག་པར་འགྱུར་བ་དང་། སྟན་ལ་མི་དགའ་བ། མེ་ཏོག་ཕྲེང་བ་རྙིངས་པ། གོས་ལ་དྲི་མ་ཆགས་པ། ལུས་ལ་སྔོན་ཆད་མེད་པའི་རྔུལ་ཆུ་འབྱུང་བ་དང་ལྔའོ། །ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང༌། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིངས་དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་འཆི་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ཞེས་གསུངས་པ་ལྟར་རོ། །