1115

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞན་དྲིང་མི་འཇོག་པ
Tibetan Definition གཞན་ལ་རག་མ་ལས་པ། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། གཞན་གྱི་དྲིང་མི་འཇོག་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་ཆོས་རྣམས་རྟོགས་པའི་ཕྱིར་གཞན་གྱི་རྐྱེན་གྱིས་མི་འགྲོ་བའོ། །ཞེས་གསུངས་སོ། །གཞན་དྲིང་ཞེས་པའི་དྲིང་ནི། དྲིན་གྱི་དོན་ཡིན། རག་ལུས་པ། རག་ལས་པ། བལྟོས་པ། རྐྱེན། འདྲེན་པ་བཅས་ཀྱི་དོན། ཡིག་རྙིང་རྣམས་སུ་རྗེས་འཇུག་ “ང” དང་ “ན” གཉིས་གདམ་ངའི་ཚུལ་དུ་འབྲི་བའི་སྲོལ་ཡོད་པ་ལྟར། དྲིན་ལ་དྲིང་ཞེས་པའི་བྲིས་པར་སེམས། སྐྱོགས་སྟོན་ལོ་ཙཱའི་དག་ཡིག་ལི་ཤིའི་གུར་ཁང་ལས། དྲིང་ཞེས་པ་ནི་ནེ་ལེ་དང་། པྲ་ཏྱ་ཡ་བསྒྱུར་བ་གཞན་གྱིས་འདྲེན་པ་དང་། རྐྱེན་གྱི་དོན་ཡིན་པ་དང་། ཞེས་གསུངས་པ་ལྟར་རོ། །བོད་རྒྱ་ཚིག་མཛོད་ཆེན་མོར། ཚུལ་ལུགས་སམ་བརྗོད་ལུགས་ཞེས་གསུངས། འདི་འཐད་མིན་དཔྱད་པར་འོས་སོ། །གཞན་དྲིང་མི་འཇོག་པ་ཞེས་པའི་ཐད་དུ་གཟིགས།