11161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷུང་བཟེད་དོ་གསུམ་ལས་ལྷག་པ་ལེན་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་སོ་གསུམ་པ། ལྷུང་བཟེད་དོ་གསུམ་ལས་ལྷག་པ་ལེན་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ཁྱིམ་པས་བསོད་སྙོམས་བསྟབས་ཤིང་ཅི་བདེར་མ་བྱས་པར་ཚད་ཡོངས་སུ་མ་དཔགས་པ་ལས་དུས་སུ་རུང་བ་ལྷུང་བཟེད་དོའམ་གསུམ་ལས་ལྷག་པ་བླངས་ཏེ་གནས་གཞན་དུ་ཁྱེར་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་བསོད་སྙོམས་བསླང་ཚད་ལས་ལྷག་པར་བླངས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པ་དང་། ཚོད་མི་ཤེས་པའོ། །སོ་སོར་ཐར་པའི་མདོ་ལས། དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་དོང་བ་ལས། གལ་ཏེ་དེ་དག་ལ་བྲམ་ཟེ་དང༌། ཁྱིམ་བདག་དད་པ་ཅན་དག་གིས་ཕྱེ་དང་ཁུར་བ་དག་དུས་ཀྱིས་སྟོབས་པར་གྱུར་ལ། འདོད་ན་དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །ཞེས་གསུངས།