11193

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤ་བཀག་པའི་མདོ་ཇི་ཡོད
Tibetan Definition གླང་པོ་རྩལ་གྱི་མདོ། སྤྲིན་ཆེན་པོའི་མདོ། མྱ་ངན་ལས་འདས་པའི་མདོ། སོར་ཕྲེང་ཅན་གྱི་མདོ། ལང་ཀར་གཤེགས་པའི་མདོ་དང་ལྔ་ཡོད་དེ། ལང་ཀར་གཤེགས་པའི་མདོ་བཀའ་འགྱུར་༼ ཅ་པ ༽༢༨༢བ༣ནས་གསུངས་ཡོད། དེ་ཉིད་ཀྱི་༢༨༤ན༧ལས། གླང་པོ་འཆིང་དང་སྤྲིན་ཆེན་དང་། །སོར་མོའི་ཕྲེང་བའི་མདོ་དག་དང་། ལང་ཀར་གཤེགས་པའི་མདོ་འདི་ལས། །ངས་ནི་ཤ་རྣམས་རབ་ཏུ་བཀག །ཅེས་གསུངས་སོ། །མྱ་ངན་ལས་འདས་པའི་མདོ་ལས་ཤ་བཀག་པའི་སྐོར། རྗེ་དགེ་འདུན་གྲུབ་པའི་ཏཱའི་སི་ཏུ་རྣམ་རྒྱལ་གྲགས་པའི་དྲིས་ལན་ཤོག་གྲངས་༡༢ན༡ལས་གསུངས་སོ། །ཤའི་སྐོར་སྤྱི་དང་རྣམ་གསུམ་དག་པའི་ཤའི་སྐོར། མཁས་གྲུབ་ཆོས་རྗེའི་སྡོམ་གསུམ་རྣམ་བཞག་ཐུབ་བསྟན་བྱི་དོར་༤༡ན་གསལ་ལོ། །