11201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤ་ཟ
Tibetan Definition <པིཤཱཙ> 1 ཡི་དྭགས་ཀྱི་ཕྱོགས་གཅིག་ཟས་སུ་ཤ་ཟ་བ་ནག་པོ་ཆེན་པོ། ཞེས་རྗེའི་གསུང་མདོ་རྩའི་ཟིན་བྲིས་སུ་གསལ། རྒྱ་གར་གྱི་སློབ་དཔོན་དགེ་ལེགས་བཤེས་གཉེན་ཡང་དེ་བཞིན་གསུང༌། མདོ་ལས་ཀྱང༌། འདི་ནི་བྲམ་ཟེ་མ་ལགས་ཀྱི་ཡི་དྭགས་ཤ་ཟ་ལགས་པས། ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། མི་ཤ་ལ་སོགས་པ་རྗེན་པར་ཟ་བས་ན་ཤ་ཟ་ཞེས་བྱའོ། །བྱེ་བྲག་རྟོགས་བྱེད་འབྲིང་པོ་༡༥༥རྒྱབ་གཟིགས་ལས། “པིཤཱཙ་ཞེས་བྱ་བ་བིཤཱཙམཥྚཏཱིཏིཔིཤཱཙ” ཞེས་བྱ་བ་སྟེ། ཡི་དྭགས་ཀྱི་སྨད་རིགས་མི་ཤ་ལ་སོགས་པ་རྗེན་པར་ཟ་བས་ན་ཤ་ཟ་ཞེས་བྱ། ཞེས་གསུངས་པ་ལྟར་རོ། །2 འདྲེ་ལ་ཟེར། སྡེ་བདུན་ཡིད་ཀྱི་མུན་སེལ་གསུང༌།