11202

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤ་ར་བ
Tibetan Definition དགེ་བཤེས་པོ་ཏོ་བའི་སློབ་མ་གླང་ཤར་གཉིས་ཤེས་གྲགས་པའི་ཡ་གྱལ། ཤ་ར་བ་ཆེན་པོའོ། ། (དེབ་སྔོན་སྟོད་ཆ་༣༣༡ན་ཤར་པ་བ་ཞེས་བྲིས་སྣང) ཤ་ར་བ་ཆེན་པོ་ནི། བྱང་གི་རོམ་པོར་འབྲོག་པ་ཞིག་གི་སྲས་སུ་རབ་བྱུང་དང་པོའི་ལྕགས་ཕོ་ཁྱི་སྟེ། ཕྱི་ལོ་༡༠༧༠་ལ་འཁྲུངས་ཤིང་། འགྲོ་དོན་རྒྱ་ཆེན་པོ་མཛད་པའི་ངང་ནས་རབ་བྱུང་གཉིས་པའི་ལྕགས་མོ་བྱའི་ལོ་སྟེ་ཕྱི་ལོ་༡༡༤༡ལོར་དགུང་གྲངས་བདུན་ཅུ་རྩ་གཉིས་བཞེས་པ་ན་སྐུ་གཤེགས་སོ། །གཞོན་ནུའི་དུས་སུ་ཕ་མས་བག་མ་བླངས་པ་ལ་མ་ཆགས་པར། པོ་ཏོ་བའི་སྤྱན་སྔར་བྱོན་ནས་རབ་ཏུ་བྱུང་ཞིང་གདམས་པ་གསན། ཐུགས་རབ་ཤིན་ཏུ་ཆེ་བས་བཀའ་འགྱུར་རོ་ཅོག་ཐུགས་ལ་བཞུགས་པར་ཡང་གྲགས། པོ་ཏོ་བ་གཤེགས་པའི་རྗེས་སུ་པོ་ཏོ་བའི་སློབ་མ་ཕལ་ཆེ་བ་ཁོང་ལ་འདུས་ནས། ཚོགས་པ་སུམ་སྟོང་དྲུག་བརྒྱ་ཡོད་པར་གྲགས། བཤད་པ་ཕལ་ཆེར་གཞུང་ཆེ་བ་ཁོ་ན་ལ་མཛད་དོ། །རྒྱས་པར་དེབ་སྔོན་སྟོད་ཆ་༣༣༡ལ་གཟིགས།