11215

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤང་ཤང་ཏེའུ
Tibetan Definition 1 <ཛཱི་བ་ཛཱི་བི་ཀ> བྱ་ཆུང་ངུ་སྐད་སྙན་པོ་ཞིག་མིང་ཡིན་པར་སེམས། ངག་སྒྲོན་འགྲེལ་པ་ཁུ་ནུ་བླ་མས་མཛད་པ་ལས། ཤང་ཤང་ཏེའུ་བྱ་ཤང་ཤང་ཆུང་ངུའམ་ཕྲུག་གུ་ཞེས་བཤད་དོ། །དབྱངས་ཅན་དགའ་བློའི་འདུལ་བའི་གླེང་འབུམ་གྱི་བརྡ་བཀྲོལ་༡༣ན༥ལས། འདིའི་སྐད་དོད་ཛཱི་བ་ཛཱི་བི་ཀ་ཞེས་འབྱུང་སྟེ་འཚོ་བ་འཚོ་བྱེད་ཅེས་བསྒྱུར་ཞིང་། རྨ་བྱའི་ཚད་ཙམ་པའི་བྱ་གཤོག་འདབ་ཁྲ་བོ་དེ་མཐོང་བས་དུག་ཞི་བར་བཤད་དོ། །ཞེས་བཤད་ཀྱང་། འདི་ནི་རྨ་བྱ་ལྟར་བྱ་ཆེན་པོ་ཞིག་ཡོད་པར་མི་སྣང་སྟེ། ཏེའུ་ཞེས་ཆུང་ངུའི་དོན་ཡིན་པའི་ཕྱིར་རོ། །