11225
Jump to navigation
Jump to search
| ཤད་པ | |
| Tibetan Definition | (བྱེད་འབྲེལ་ལས་ཚིག་ད་ལྟ་བ) བཤད་པ་འདས་པ། བཤད་པ་མ་འོངས་པ། ཤོད་སྐུལ་ཚིག 1 རྨེལ་བ་དང་། གསེད་པ། འཛིངས་བཀྲོལ་བ། སྦྱང་བ་རྣམས་དོན་འདྲ། དཔེར་ན་བལ་ཤད་རྒྱབ་པ་ལ། བལ་ཤད། བལ་རྨེལ། བལ་གསེད། བལ་སྦྱང་ཞེས་བརྗོད་པ་བཞིན་ནོ། །ཤད་མ་དགོས་ཇོ་བོའི་དབུ་སྐྲ། ཕྱིས་མ་དགོས་ཤེལ་དཀར་མེ་ལོང་། ཞེས་འཇིག་རྟེན་གྱི་ཁ་དཔེ་ལ་འབྱུང་བ་བཞིན་ནོ། །2 འཕྲུག་པའི་དོན་ལའང་འཇུག་པར་བོད་རྒྱ་ཚིག་མཛོད་ཆེན་མོར་བཤད། རྟའི་རྔོག་ཤད་ལྟ་བུ། |
|---|---|