11226

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤད་སྦྱངས
Tibetan Definition (འདུལ་བ) 1 ལས་རུང་དུ་བྱེད་པ། སྐྱོན་སྦྱོང་བ། དུལ་བར་བྱེད་པ། འཇམ་པོའམ་མཉེན་པར་བྱེད་པ། འཛིངས་པ་སེལ་བར་བྱེད་པ་བཅས་ལ་ཟེར། 2 གསལ་བཤད་བྱེད་པ། དཔེར་ན་བླ་མ་ལྟ་བུས་རང་གིས་བསྒྲུབ་པར་མི་ནུས་པ་དང༌། བསྒྲུབ་ནུས་ཀྱང་ཆོས་མིན་གྱི་བསྒོ་བ་ལྟ་བུ་ལ་ཚིག་འཇམ་པོས་རྒྱུ་མཚན་ལེགས་པར་བརྡ་སྤྲད་པའི་སྒོ་ནས་མི་ནུས་པའི་ཚུལ་བརྗོད་པ་ལྟ་བུ་ལ་ཟེར། སྒྲ་བཤད་ནི། ཤད་དང་སྦྱངས་ཞེས་པ་གཉིས་སྤྱིར་དོན་གཅིག་སྟེ། བལ་འཛིངས་པ་སེལ་ཞིང་ལས་རུང་དུ་བྱེད་པ་ལ། བལ་ཤད་རྒྱག བལ་ཤད། བལ་སྦྱངས། བལ་རྨེལ་ཞེས་བརྗོད་པ་ལྟ་བུ། ཤད། སྦྱངས། རྨེལ་ཞེས་པའི་ཚིག་གསུམ་ག་གཞི་བལ་ལྟ་བུ་ལ་སྦྱར་ན་དོན་འདྲ། མཚོ་ཊཱིཀ་ལས། དཔེར་ན་བལ་ལེགས་པར་རྨེལ་བ་ལ་སྦྱངས་པ་ཞེས་བྱ་སྟེ། བལ་མ་རྨེལ་ན་འཛིངས་ཤིང་བལ་བཀལ་བར་བྱ་བའི་ལས་སུ་མི་རུང་ངོ༌། །ཞེས་གསུངས་པ་ལྟར་རོ། །ཡང་བསྟན་དར་ལྷ་རམས་པས། ཤད་ཀྱིས་སྦྱངས་པ་ནི་སྙིང་ཐག་པ་ནས་ངག་འཇམ་པོས་སྨྲ་བའམ་བསྐུལ་མ་འདེབས་པ། ཞེས་གསུངས་པ་ཡང་གོང་དུ་བཤད་པའི་གསལ་བཤད་བྱེད་པ་ཞེས་པ་དང་དོན་འདྲ་བར་སྣང་ངོ༌། །