11228

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤམ་ཐབས
Tibetan Definition (འདུལ་བ) 1 བོད་པའི་རབ་བྱུང་ཚོས་སྨད་ལ་གྱོན་རྒྱུའི་གོས་ཤིག་སྟེ། འདུལ་བའི་གཞུང་དུ་མཐང་གོས་ཟེར་བ་དེའོ། །2 འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ཡ་གྱལ་ཏེ། ཉིན་མོ་མཐང་གོས་ཀྱི་ནང་དུ་གྱོན་རྒྱུའི་གོས་ཤིག་ལ་ཟེར། འདི་ལ་ཤམ་ཐབས་དང་གཤམ་ཐབས་ཞེས་འབྲི་ཚུལ་གཉིས་ལས་གཤམ་ཐབས་ཞེས་བྲིས་ན་ལེགས་པར་སེམས་སོ། །འདི་ཡང་བཀས་བཅད་བར་པའི་སྐབས་སུ་སྐ་ཅོག་ཞང་གསུམ་གྱིས་ཡི་གེ་མང་པོ་ཞིག་གོ་མ་བདེ་བར་བཟོས་པའི་གྲས་ཤིག་གོ། སྒྲ་བཤད་ནི། གཤམ་ནི་སྨད་དང་ཐབས་ནི་འདིར་གོས་ཀྱི་མིང་སྟེ། ལུས་ཚ་གྲང་ལས་སྐྱོབ་པའམ་འགེབས་པའི་ཐབས་སུ་གྱུར་པའི་ཕྱིར་ཐབས་ཞེས་བྱའོ། །