11241

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤའི་མིག
Tibetan Definition 1 མིག་གི་དབང་པོ་དང་དོན་གཅིག ཐ་མལ་པའི་ཤ་རུས་གདོས་བཅས་ཀྱི་མིག་གི་དབང་པོ། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༨༡ན༦ལས། བར་དོ་དེས་ཕ་མའི་ཁུ་ཁྲག་གི་དབུས་སུ་སྐྱེ་བ་བཟུང་ནས་ཐ་མལ་པའི་ཤའི་མིག་གི་ཡུལ་དུ་གྱུར་ཏེ། ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། ཤ་ཁྲག་ལས་གྲུབ་པའི་མིག་གི་དབང་པོ་ཡིན་པས་ན་ཤའི་མིག་ཅེས་བྱའོ། །