11245

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་པ་བསྟན་འཛིན་ནོར་རྒྱས
Tibetan Definition འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མ་གླང་མའི་སྟེང་འཛེགས་མཁན་གྱི་ཤར་པ་བསྟན་འཛིན་ནོར་རྒྱས་འདི་ཡོངས་གྲགས་ལ་ཤར་པ་དང་བལ་པོའི་མི་སེར་ཡིན་པར་བྱེད་ཀྱང་། ཀ་སྦུག་སློབ་ཕྲུག་ཟུར་པ་རྒྱལ་པོ་ཚེ་རིང་གིས་” ཕ་ཡུལ” དྲ་རྒྱའི་ཐོག་རྩོམ་ཐུང་ཞིག་བཀོད་པ་དེའི་ནང་། བསྟན་འཛིན་ནོར་རྒྱས་སྐྱབས་བཅོལ་དུ་སླེབས་པའི་བོད་མི་གཙང་མ་ཞིག་ཡིན་པའི་ལོ་རྒྱུས་འཁོད་འདུག་པ་འདི་ལྟར། ཀ་བློན་སྦུགཌོག་ཀྲར་་་གྷར་ཧམ་གྱི་སློབ་གྲྭར་ Dr. Graham’s School, Kalimpong, Distt. Darjeeling, W.B. India ལོ་རབས་དྲུག་ཅུའི་ (༡༩༦༥ནས༡༩༦༨) ཡས་མས་ཤིག་ལ་བསྟན་འཛིན་ནོར་རྒྱས་ཁོང་ཚོའི་སློབ་གྲྭའི་ནང་གསུང་བཤད་གནང་བར་ཕེབས་དུས། མཇུག་ཏུ་བོད་ཕྲུག་ཚོར་དམིགས་བསལ་གྱི་བཀའ་མོལ་ཞུ་འདོད་ཡོད་རྗེས་སུ་བཞུགས་རོགས་ཞེས་རེ་སྐུལ་གནང་སྟེ། ཁོང་ཚོ་བོད་ཕྲུག་དྲུག་ལ་” ང་བོད་པ་ཡིན” ཞེས་གསལ་པོར་བཤད་པའི་ལོ་རྒྱུས་འདུག ངོས་ནས་ཀྱང་རྒྱལ་པོ་ཚེ་རིང་ལགས་སུ་གནས་ཚུལ་འདི་ངོ་མ་ཡིན་མིན་གློག་འཕྲིན་་་ཨཱི་མེལ་་ཐོག་དོགས་དྲི་ཞུས་པར། ཁོང་ནས་གནས་ཚུལ་འདི་ངོ་མ་ཡིན་པ་དང་། ཁོང་ཚོའི་སློབ་གྲྭའི་མིང་དང་དུས་ཚིགས་རོབ་ཚོད་བཅས་གནང་བྱུང་།