11249

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤལ་མ་ལིའི་ནགས་ཚལ
Tibetan Definition ཚ་དམྱལ་གྱི་ཉེ་འཁོར་ན་ཡོད་པའི་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་པ་རྣོ་ལ་ཁ་ཐུར་དུ་བལྟ་བའི་སྡོང་པོའི་ནགས་ཚལ་ཞིག ཅུང་ཟད་ཞིབ་པར་བཤད་ན། ཚ་དམྱལ་གྱི་ཉེ་འཁོར་ན་ཡོད་པའི་ལྕགས་ཀྱི་ཤལ་མ་ལིའི་སྡོང་པོ་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་སེམས་ཅན་དེ་དག་འབབ་འཛེག་བྱེད་པ་ན་ཁ་གྱེན་ཐུར་དུ་ལྟ་བས་ལུས་འབིགས་པ་དང༌། སྟེང་ན་བྱ་ཁྭ་ཏ་འདབ་འཇིགས་ཞེས་བྱ་བ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་མིག་ཕྱུང་ནས་ཟ་བའི་ནགས་ཚལ་ཞིག མཆིམས་མཛོད་ན་གསལ།