11264

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤཱཀྱ
Tibetan Definition (ལེགས་སྦྱར) 1 (འདུལ་བ) ཤཱཀྱ་ “शाक्य” ནི། ཕོད་པ། ནུས་པ། ཐུབ་པ་བཅས་ཀྱི་དོན། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལས། ཤཱཀྱ་ཞེས་བྱ་བ་ནི་གཞན་གྱིས་མི་ནུས་པའི་ལས་བྱེད་པའི་ཕྱིར་ནུས་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །དབྱིན་སྐད་དུ་ capable ཟེར། ཤཱཀྱའི་སྒྲ་བཤད་ནི། ཤཱཀ་ཞེས་པའི་ཤིང་གིས་ཁེབས་པའི་གནས་སུ་འགྲོ་འོང་བྱེད་པའ་གནས་པས་ཤཱཀྱ་ཞེས་བརྗོད་དེ། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་ལས། ཤཱཀའི་ཤིང་གིས་ཁེབས་པ་ཡི། །གནས་སུ་གང་ཕྱིར་འཆག་བྱེད་པ། །དེ་ཕྱིར་བུ་རམ་ཤིང་རིགས་ལས། །བྱུང་སྟེ་ཤཱཀྱ་ཞེས་སུ་བཤད། །ཅེས་གསུངས་པ་ལྟར་རོ། །2 རྒྱ་གར་གྱི་རིགས་རྒྱུད་ཅིག་གི་མིང༌། 3 ཤཱཀྱའི་རིགས་ཀྱི་མུ་སྟེགས་པ། ཤཱཀྱ་མེ་པ་རལ་པ་ཅན་ཞེས་པའི་ཐད་དུ་གཟིགས།