11269

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤཱཀྱ་འོད
Tibetan Definition (འདུལ་བ) མཆོག་གཉིས་ཀྱི་ཡ་གྱལ། སློབ་དཔོན་ཡོན་ཏན་འོད་ཀྱི་སློབ་མ་སློབ་དཔོན་ཤཱཀྱ་འོད་ནི། འདུལ་བ་བསྟན་པ་ལ་བཀའ་དྲིན་ཆེ་བའི་སློབ་དཔོན་ཞིག་སྟེ། ཁོང་གིས་དགེ་ཚུལ་གྱི་ཀ་རི་ཀ་སུམ་བརྒྱ་པ་དང༌། དེའི་འགྲེལ་པ་འོད་ལྡན་མཛད། ཚིག་མཛོད་ཆེན་མོར། རྒྱ་གར་གྱི་སློབ་དཔོན་རྒྱན་དྲུག་གི་ཡ་གྱལ་འདུལ་བ་བདུད་རྩིའི་རྒྱན་གྱི་སློབ་དཔོན་ཞིག་སྟེ། ཁོང་གིས་དགེ་ཚུལ་གྱི་ཀ་རི་ཀ་སུམ་བརྒྱ་པ་སོགས་མཛད། ཅེས་གསུངས་ཀྱང༌། མཁའ་མཉམ་མ་ལས། ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང༌། །འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཅེས་ཡོན་ཏན་འོད་དང་ཤཱཀྱ་འོད་གཉིས་མཆོག་གཉིས་ལ་བཤད་ཅིང༌། རྙིང་མའི་རྒྱན་དྲུག་མཆོག་བརྒྱད་ཀྱི་ཡ་གྱལ་དུའང་ཤཱཀྱ་འོད་མི་སྣང་བས་དཔྱད་པར་འོས་ཏེ། དེ་ཡང་ (རྙིང་མ) རྒྱན་དྲུག་ནི། ཀླུ་སྒྲུབ་སྙིང་པོ། ཐོགས་མེད། དབྱིག་གཉེན། ཕྱོགས་གླང༌། ཆོས་གྲགས། ཡོན་ཏན་འོད་དོ། །མཆོག་བརྒྱད་ནི། དེ་རྣམས་ཀྱི་སྟེང་དུ། འཕགས་པ་ལྷ། ཙནྡྲ་གོ་མི། སློབ་དཔོན་དཔའ་བོ་བསྣན། ཕྱོགས་གླང་ཕྲི་བའོ། །ཀློང་ཆེན་རབ་འབྱམས་པའི་གྲུབ་མཐའ་མཛོད་དུ་གསལ།