1127

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་གསུམ་གྱི་དགེ་བ
Tibetan Definition 1 ཆོས་ཀྱི་བྱ་བ་རང་གིས་བགྱིས་པ་དང་། གཞན་བགྱིད་དུ་བཅུག་པ། གཞན་གྱིས་བགྱིད་པ་ལ་རྗེས་སུ་ཡི་རང་བ་ལས་བྱུང་བའི་དགེ་བ་གསུམ་ལ་ཟེར། རྗེའི་ལམ་རིམ་གྱི་སེམས་བསྐྱེད་བཟུང་བའི་ཆོ་ག་ལས་དེ་ལྟར་གསུངས་པའི་ཕྱིར་ཏེ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་ཚུལ་ཁྲིམས་ཀྱི་རང་བཞིན་དང་བསྒོམས་པའི་རང་བཞིན་གྱི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང་བགྱིད་དུ་བསྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཞེས་གསུངས་སོ། །ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་ལམ་རིམ་ཟིན་བྲིས་༼ ཁ་པ ༽༦༦བ༥ལས་ཀྱང་དེ་བཞིན་དུ་གསུངས་སོ། །