11277

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤཱི་ལ
Tibetan Definition (ལེགས་སྦྱར) (འདུལ་བ) དོན་བསྒྱུར་ན་ཚུལ་ཁྲིམས། སྒྲ་བསྒྱུར་ན་བསིལ་ཐོབ་ཅེས་བྱ། ཁ་ན་མ་ཐོ་བའི་གདུང་བ་ལས་བསིལ་བ་ཐོབ་པའི་དོན་གྱིས་དེ་སྐད་ཅེས་བྱའོ། །ཤཱི་ལ་ཞེས་པ་དེ་ལ་ཤི་ཏ་ཞེས་སྒྲའི་རྐྱེན་བྱིན་ན་བསིལ་བ་ཞེས་སོ། །ལ་བྷ་ཞེས་སྒྲའི་རྐྱེན་བྱིན་ན་ཐོབ་པ་ཡིན་པས་བསིལ་ཐོབ་ཅེས་སོ། །ཞེས་མཁས་པ་རྣམས་གསུང༌།