11287

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤི་སྦར་འཐམས་པ
Tibetan Definition 1 ཞེན་པ་ཤིན་ཏུ་ཆེ་བའི་དོན། སྒྲ་བཤད་ནི། ཤི་ཟིན་པའི་རྗེས་སུའང་ལག་པས་དམ་པོར་འཇུས་ཏེ་མི་གཏོང་བ་ལ་ཤི་སྦར་འཐམས་པ་ཟེར། དཔེར་ན་མི་ཞིག་ཀོ་གྲུ་ལ་ཞུགས་ནས་གཙང་པོ་བརྒལ་བ་ན། དེ་མ་ཐག་གྲུ་ལོག་ཐེབས་ནས་ཆུས་འཁྱེར་བ་ན། དང་པོ་ཀོ་གྲུ་ཤོར་དུ་དོགས་ནས་ལག་པས་དམ་པོར་འཇུས་ཤིང་། མཇུག་ཏུ་ཤི་བའི་རྗེས་སུའང་ཀོ་གྲུ་ལག་པས་མི་གཏོང་བར་དམ་པོར་བཟུང་སྟེ་འཆི་བས་ན། ཤི་སྦར་འཐམས་པ་ཞེས་ཟེར་རོ། །དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་ཤོག་གྲངས་༩༠ལ་གཞི་བྱས་ཏེ་བཀོད། གཞན་ཡང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་ལས། སྐྱོ་ཤས་དང་ངེས་འབྱུང་གི་བསྒོམས་ལགས་ཀྱང༌། །རྟག་འཛིན་གྱི་གདོན་ཆེན་ཐུགས་གསོལ་བས། །ཕྱི་ནང་གི་དངོས་ལ་ཤི་སྦར་འཐམས། །གསུང་ཚུལ་དང་རྣམ་ཐར་འགལ་ཉེན་གདའོ། །ཞེས་གསུངས་པ་ལྟ་བུ།