11289

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིག
Tibetan Definition (བརྡ་སྤྲོད) མིའི་ཁྲག་འཇིབ་པའི་འབུ་ཞིག 1 (མཛོད) སྲོ་མ་བདུན་ལ་ཤིག་གཅིག་གི་ཚད་ཡོད། ཤིག་གཅིག་ལ་རྡུལ་ཕྲ་རབ་༤༠,༣༥༣,༦༠༧གྱི་ཚད་ཡོད། 2 ཆིག་ཚིག་གི་ཚོད་དུ་འཇུག་པའི་ “ཤིག” སྒྲ་ནི། གྲངས་ཀ་གཅིག་གི་དོན་དང་མི་འདྲ་བས། གྲངས་ཀྱི་གཅིག་དང་མ་ནོར་བར་བྱེད་དགོས། དཔེར་ན་སྣ་ཚོགས་ཤིག་ཅེས་པ་ལྟ་བུ། 3 སྐུལ་ཚིག་ལ་འཇུག་པ་ནི། མ་ནོར་བར་ཤེས་པར་གྱིས་ “ཤིག” ཅེས་པ་ལྟ་བུ། སྦྱོར་ཚུལ་ནི། ལྗོན་དབང་ལས། ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤེས་ཤེའོ་ཤེ་ན་ཤིག །ཅེས་གསུངས་སོ། །དོགས་གཅོད། གོང་གི་ལྗོན་དབང་གི་ལུང་ཚིག་དེ་ནི་སྤྱིར་བཏང་བ་ཡིན་གྱི། དམིགས་བསལ་ལ་བརྗོད་བདེའི་དབང་གིས། དཔེར་ན་འདུལ་བ་ལུང་རྣམ་འབྱེད་༼ ཉ ༽༡༨སོགས་ཁུངས་བཙུན་གྱི་གཞུང་མང་པོར། སོང་ཤིག མ་འགྲོ་ཤིག ལོང་ཤིག མ་འདུག་ཤིག མ་སྨྲ་ཤིག་ཅེས་སོགས་མང་དུ་འབྱུང་ཞིང་། གསེར་ཏོག་སུམ་འགྲེལ་༡༦༤ལས། བསྐུལ་ཚིག་ལ་ཅིག་ཞིག་ཤིག་གང་ཐོབ་ཀྱང་ཁྱད་པར་མེད་མོད་དཔེ་ཁུངས་དག་པར། ཕྱེ་ཤིག་ཅེས་པ་ལྟ་བུ་འགའ་རེ་སྣང་བས་བསྐུལ་བ་གསལ་བྱེད་དུ་ཞིག་ལས་ཤིག་སྦྱར་བ་ནུས་པ་ཆེ་བར་སྣང་ངོ་། །ཞེས་གསུངས་སོ། །