11302

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས
Tibetan Definition རྗེའི་ལམ་རིམ་ཆེན་མོར་ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཞེས་འབྱུང་བའི་བླ་མ་གཉིས་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བླ་མའི་གཙོ་བོ་གཉིས་ཏེ། ཀླུ་སྒྲུབ་ཀྱི་ལུགས་ལ་མཁས་པའི་བླ་མ་རིག་པའི་ཁུ་བྱུག་ཆུང་བ་དང་། ཐོགས་མེད་ཀྱི་ལུགས་ལ་མཁས་པའི་བླ་མ་གསེར་གླིང་པ་གཉིས་སོ། །རིག་པའི་ཁུ་བྱུང་ཆུང་བ་འདི་ཇོ་བོའི་གསང་སྔགས་ཀྱི་བླ་མ་ཨ་བ་དྷཱུ་ཏཱི་པ་ཡིན་པར་མངོན་གསུང་། ཞེས་དབྱངས་ཅན་དགའ་བློ་གསུངས་ཀྱང་། དེབ་སྔོན་སྟོད་ཆ་༢༩༩ལས་ཇོ་བོས་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་ཆོས་གསན་པའི་བླ་མའི་གྲས་སུ། ཨ་བ་དྷཱུ་ཏཱི་པ་ཆུང་བ་དང་། རིག་པའི་ཁུ་བྱུག་གཉིས་སོ་སོར་དྲངས་འདུག་པས། དེ་གཉིས་གང་ཟག་ཐ་དད་ཡིན་པའམ། ཡང་ན། ཨ་བ་དྷཱུ་ཏཱི་པ་ཆེ་ཆུང་གཉིས་ཀྱི་ངོས་འཛིན་གསལ་བར་ཕྱེད་དགོས་པ་འདུག་གོ།