11303

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིང་རྟ་ཤ་ཀ་ཊཱ
Tibetan Definition ཆུ་དང་ཤིང་སོགས་འོར་འདྲེན་བྱེད་པའི་ཤིང་རྟའི་བྱེ་བྲག་ཅིག་གི་མིང་དུ་བཤད། ཤ་ཀ་ཊཱ་ནི་ལེགས་སྦྱར་གྱི་སྐད་ཡིན་ཞིང་། ཐ་སྙད་འདི་མདོ་དྲན་པ་ཉེར་གཞག་ན་འབྱུང་ངོ་། །མདོ་དྲན་པ་ཉེར་གཞག་༼ ཤ་པ ༽༡༨༩བ༣ལས། དེ་ལ་ཤིང་རྟ་ཤ་ཀ་ཊཱ་དང་མཚུངས་པ་ནི་འཛམ་བུའི་གླིང་སྟེ། དེ་དང་འདྲ་བར་འཛམ་བུ་གླིང་པའི་མི་རྣམས་ཀྱི་བཞིན་ནི་གྲུ་གསུམ་གྱི་རྣམ་པ་ཡིན་ནོ། །ཞེས་གསུངས་སོ། །