11304

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིང་རྟའི་ཐབས
Tibetan Definition སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཡ་གྱལ་ཞིག་སྟེ། ཤིང་རྟ་བཞོན་སྟངས་བསླབ་པའམ་ཤེས་པ་ལ་ཟེར། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། ཤིང་རྟའི་ཐབས་ཞེས་བྱ་བ་ནི་ཤིང་རྟ་བཞོན་པའི་ཕྱིར་བསླབ་པའོ། །ཞེས་གསུངས་པ་ལྟར་རོ། །འདིའི་ཐབས་ཞེས་པ་ཐབས་ཤེས་ཀྱི་ཐབས་ལ་མི་གོ་བར། སྟབས་དང་སྟངས་ཞེས་པ་དེ་ལ་གོ་དགོས། དོགས་གཅོད་ཞིབ་པར་རལ་གྲིའི་ཐབས་ཞེས་པའི་ཐད་དུ་གཟིགས།