11311

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤིང༌
Tibetan Definition 2 (བརྡ་སྤྲོད) མཚམས་སྦྱོར་གྱི་དོན་ལ་འཇུག་པའི་ཕྲད་གཞན་དབང་ཅན་ཞིག གཞི་མཐུན་པའི་མཚམས་སྦྱོར་ལ་འཇུག་པ་ནི། དཔེར་ན་འཇིགས་ཤིང་སྐྲག་ཅེས་པ་ལྟ་བུ། སྦྱོར་ཚུལ་ནི། ལེགས་བཤད་ལྗོན་དབང་ལས། ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤེས་ཤེའོ་ཤེ་ན་ཤིག །ཅེས་གསུངས་པ་ལྟར་རོ། །སྨྲ་སྒོ་ལས། ཀྱང་ཡང་སོགས་དང་འཇུག་པ་མཐུན་པའི་བསྡུ་བའི་དོན་ལ་འཇུག་པའང་བཤད་དེ། དེ་ཉིད་ལས། ཅིང་ལ་སོགས་པ་བསྡུ་བ་དང༌། །མཚམས་སྦྱོར་དག་ཏུ་འདོད་པ་ཡིན། །ཞེས་གསུངས་སོ། །