11363

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེད་དབྱེ་སོམ་གཞིག
Tibetan Definition བསམ་བློའི་ནུས་པ་བརྟས་ཏེ་རྟོག་དཔྱོད་གྱིས་ཤིག་ཅེས་པའི་དོན། ཡང་ན། བསམ་མནོའི་ནུས་སྟོབས་རྒྱས་པར་བྱས་ལ། དེ་ནས་སོམ་ཞིག་ཅེས་པའི་དོན། དེ་ཡང་ཤེད་ནི་སྟོབས་སམ་ནུས་པའི་དོན། དབྱེ་ནི་བྱེ་བ་སྟེ་ཁ་བྱེ་བའམ་རྒྱས་པའི་དོན་དང་། སོམ་གཞིག་ནི་སྐུལ་ཚིག་སྟེ་བསམ་པར་གྱིས་ཤིག་ཅེས་པའོ། །འདིའི་གཞིག་ནི་ཞིག་གི་ཡིག་ནོར་དུ་སེམས་སོ། །དབྱངས་ཅན་དགའ་བློའི་ལམ་རིམ་བརྡ་བཀྲོལ་དུ་མང་དག་ཅིག་འདུག་ཀྱང་འདིར་མ་བཀོད་དོ། །རྗེའི་ལམ་རིམ་ལས། མ་མཐའ་ནའང་ཆོས་ལ་ཤེད་དབྱེ་སོམ་གཞིག་གསུང་ངོ་། །ཞེས་གསུངས་སོ། །