11370

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེད་མ་བྱེ་བ
Tibetan Definition (བརྡ་རྙིང) སྟོབས་སམ་ནུས་པ་ཆུང་བ། བསམ་མནོ་གཏོང་མི་ཤེས་པ། སྐད་ཆ་ཤོད་མི་ཤེས་པའམ་མི་ཐུབ་པ། བརྡ་དོན་མི་འབྱེད་པའམ་བརྡ་དོན་འབྱེད་མི་ཐུབ་པ་བཅས་ཀྱི་དོན། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་བྲིས་མའི་གྲས་ཀྱི་«འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ»ཞེས་བྱ་བ་ལས། བདག་ལ་བུ་ཆུང་ཤེད་མ་བྱེ་བ་གཉིས་ཤིག་ཡོད་དེ། ཞེས་གསུངས་པ་ལྟ་བུ། སྒྲ་བཤད་ནི། ཤེད་ནི་ཤུགས་སམ་སྟོབས། མ་བྱེ་བ་ནི་ཁ་མ་བྱེ་བའམ་མ་རྒྱས་པའི་དོན་ཏེ། སྟོབས་ཤུགས་མ་རྒྱས་པའམ་ནུས་པ་ཆུང་བའོ། །ཡང་ན་ཤེད་ནི་སྨྲ་བ། མ་བྱེ་བ་ནི་འདིར་འགོ་མ་ཚུགས་པའི་དོན་ནོ། །ཤེད་ནི་སྨྲ་བར་བྱ་བའི་དོན་དུ་བསྟན་དར་ལྷ་རམས་པས་གསུངས་པ་ལྟར་རོ། །ཀློག་པའི་ཚེ། “ཤེད” “མ་བྱེ་བ” ཞེས་བཀླག་དགོས། བསྟན་དར་ལྷ་རམས་པས། ཤེད་མ་ཕྱེད་པའམ། ཤེད་མ་ཕྱེ་བ་ཞེས་བྲིས་སྣང་།