1139

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་བཅུ་བདུན
Tibetan Definition (འདུལ་བ) རབ་ཏུ་འབྱུང་བའི་གཞི། གསོ་སྦྱོང་གི་གཞི། དགག་དབྱེའི་གཞི། དབྱར་གྱི་གཞི། ཀོ་ལྤགས་ཀྱི་གཞི། སྨན་གྱི་གཞི། སྲ་བརྐྱང་གི་གཞི། ཀཽ་ཤམྦྷིའི་གཞི། ལས་ཀྱི་གཞི། དམར་སེར་ཅན་གྱི་གཞི། གང་ཟག་གི་གཞི། སྤོ་བའི་གཞི། གསོ་སྦྱོང་བཞག་པའི་གཞི། གནས་མལ་གྱི་གཞི། རྩོད་པའི་གཞི། དགེ་འདུན་གྱི་དབྱེན་གྱི་གཞི་དང་བཅུ་བདུན་ནོ། །སྒྲ་བཤད་ནི། རབ་ཏུ་འབྱུང་བ་དང་གསོ་སྦྱོང་ལ་སོགས་པ་རྣམས་ཀྱི་དོན་རྟོགས་པར་བྱེད་པའི་གཞིའམ་རྟེན་དུ་གྱུར་པས་ན་གཞི་ཞེས་བྱའོ། །འདུལ་བ་གཞིི་རྒྱ་ཆེར་འགྲེལ་པ་ལས། གཞི་ཞེས་བྱ་བ་ནི་རྟེན་ཏེ། དེའི་ཕྱིར་རབ་ཏུ་འབྱུང་བ་ལ་སོགས་པའི་རྟེན་དུ་གྱུར་པ་ཉེ་བར་སྟོན་པའི་གཞུང་ནི་རབ་ཏུ་འབྱུང་བའི་གཞི་ལ་སོགས་པའི་སྒྲར་གསུངས་སོ། །ཞེས་གསུངས། གཞིའི་སྐད་དོད་ལ་བསྟུ་ཟེར།