11400

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ
Tibetan Definition (ཕར་ཕྱིན) 1 བྱང་འཕགས་ཀྱི་ལམ་བདེན་ལ་ཟེར། ཞིབ་པར་བཤད་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་ཤེས་རབ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟེར། སྒྲ་བཤད་ནི། སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་སོ་སྐྱེའི་ཤེས་རབ་ནི་ཤེས་རབ་ཙམ་ཡིན་ལ། དེའི་ཕ་རོལ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཀྱི་ཤེས་རབ་བམ་ལམ་བདེན་ནོ། །སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ་༼ ཉ ༽༡༡༨བ༣ ལས། ཤེས་རབ་ནི་སྤྱིར་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ནོ། །དེའི་ཕ་རོལ་ནི་མོས་པས་སྤྱོད་པའི་གནས་སྐབས་ན་ནི་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པ་ཡིན་ནོ། །རབ་ཏུ་དགའ་བ་ལ་སོགས་པའི་གནས་སྐབས་ན་ནི་རྟོག་པ་ཐམས་ཅད་ཀྱིས་དབེན་པ་འདི་ཡིན་ནོ། །ཞེས་གསུངས་སོ། །2 རྣམ་མཁྱེན་ལའང་འཇུག 3 ཤེར་ཕྱིན་བརྗོད་བྱར་བྱེད་པའི་གསུང་རབ་ལའང་དེའི་མིང་འཇུག་གོ།