11403

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་ཆེ་བ
Tibetan Definition འདིའི་ཤེས་རབ་ཆེ་བ་ཞེས་པ་ཤེས་རབ་རླབས་ཆེ་བ་ལ་གོ་དགོས། དེ་ནི་བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་ལ་ཟེར། རྗེའི་བདེ་སྨོན་ལས། གཞན་ཡང་སྐྱེ་བ་ཐམས་ཅད་དུ་བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེ་བ་ཐོབ་པར་གྱུར་ཅིག །ཅེས་གསུངས་པ་ལྟར་རོ། །ཤེས་རབ་ཆེ་བ་དང་ཤེས་རབ་གསལ་བ་གཉིས་ཀ་འཆད་པ་ལ་མཁས་པའི་ཡན་ལག་གོ། ཡང་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཡུལ་ཆེན་པོ་ཡོངས་སུ་གཅོད་པར་བྱེད་པའི་ཤེས་རབ་གང་ལ་ཡོད་པ་དེ་ནི་ཤེས་རབ་ཆེ་བའོ། །ཞེས་ཀྱང་གསུངས་སོ། །