11407

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་མ་ལ་བརྟེན་པའི་དམ་ཚིག་བརྒྱད
Tibetan Definition གཡོན་པའི་ཀུན་སྤྱོད་མི་བརྙས་མཆོད། །མཚན་ལྡན་མིན་ལ་སྙོམས་འཇུག་སྤང༌། །སྦྱོར་ཚེ་ལྟ་དང་འབྲལ་མི་བྱ། །ཆགས་ལམ་ལ་མོས་འགྱུར་མི་བྱ། །ཕྱག་རྒྱ་རྣམ་གཉིས་འདོར་མི་བྱ། །ཕྱི་ནང་ཐབས་ལ་གཙོ་བོར་འབད། །ཀུནྡ་མི་འབྱིན་ཚངས་སྤྱོད་བསྟེན། །བྱང་སེམས་ལེན་ཚེ་སྐྱུག་བྲོ་སྤང༌། །ཞེས་གསུངས་པ་ལྟར་རོ། །འདི་བདེ་མཆོག་རྩ་རྒྱུད་ལེའུ་ཉེར་དྲུག་པ་ལས། དེ་ནས་རྣལ་འབྱོར་རྒྱུད་དུ་ནི། །རྙེད་དཀའི་དམ་ཚིག་ང་ཡིས་བཤད། ཅེས་སོགས་ཀྱིས་བསྟན་ཅིང༌། རྗེ་རིན་པོ་ཆེའི་རྒྱུད་འགྲེལ་སྦས་དོན་ཀུན་གསལ་དང༌། བསྐྱེད་རིམ་འདོད་འཇོ་སོགས་སུ་བཀྲལ་བ་གསུང་བརླིང་བས་ཇི་བཞིན་གོ་དཀའ་བ་ལ། རྗེ་ལྕང་སྐྱ་རོལ་པའི་རྡོ་རྗེས་བདེ་མཆོག་ལུས་དཀྱིལ་གྱི་བསྐྱེད་རིམ་བཀའ་རྒྱ་མར་ཚིག་ལྷུག་ཏུ་གསལ་བར་གསུངས་པ་ལ། དངུལ་ཆུ་དྷརྨ་བྷ་དྲས་ཚིག་བཅད་དུ་བསྒྲིགས་ནས་གསུངས་སོ། །