1141

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་བསམ་པ་སྦྱོར་བ་མཐར་ཐུག་བཞི
Tibetan Definition (འདུལ་བ) སྲོག་གཅོད་ལྟ་བུ་ལ་སྦྱར་ན། ༡ གཞི་ནི། སེམས་ཅན་ཕ་རོལ་པོ། ༢ བསམ་པ་ལ། འདུ་ཤེས། ཉོན་མོངས། ཀུན་སློང་དང་གསུམ་ལས། འདུ་ཤེས་ལ། (བཞི་སྟེ་གཞི་སེམས་ཅན་ལྟ་བུ་ལ་དེར་འདུ་ཤེས་་དང་སེམས་ཅན་མིན་པར་འདུ་ཤེས་པ་དང་། སེམས་ཅན་མིན་པ་ལ་སེམས་ཅན་མིན་པར་འདུ་ཤེས་བ་དང་སེམས་ཅན་དུ་འདུ་ཤེས་པ་བཞི་སྟེ་འདུ་ཤེས་པ་དང་པོ་དང་གསུམ་པ་ནི་མ་འཁྲུལ་པ་དང་གཉིས་པ་དང་བཞི་པ་ནི་འཁྲུལ་པའོ། །མདོར་ན། སྦྱོར་བའི་དུས་སུ་གང་བྱུང་ཡང་གསོད་སྙམ་པའི་ཀུན་སློང་སྤྱི་ཞུགས་མེད་ན། འདུ་ཤེས་མ་འཁྲུལ་བ་དགོས་སོ) ཉོན་མོངས་ནི། དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་ཕ་རོལ་པོ་གསོད་པར་འདོད་པའོ། །༣ སྦྱོར་བ་རང་གིས་སམ་གཞན་བྱེད་དུ་འཇུག་པ། ༤ མཐར་ཐུག་ཕ་རོལ་པོ་དེ་རང་གི་སྔ་རོལ་དུ་ཤི་བའོ། །དེའི་གཞན་རྣམས་ལའང་རིགས་འགྲེའོ། །