11410

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་ཟབ་མོ
Tibetan Definition ཤིན་ཏུ་ཕྲ་བའི་ཡུལ་ལེགས་པར་ཤེས་པའི་ཤེས་རབ། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། ཤེས་རབ་ཟབ་མོ་ཞེས་བྱ་བ་ནི་དོན་ཆ་ཕྲ་མོ་ཡོངས་སུ་གཅོད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས་ཀྱང་། ཤིན་ཏུ་ཟབ་པའི་དངོས་པོ་ཡོངས་སུ་ཤེས་པའི་ཕྱིར་ཤེས་རབ་ཟབ་པ་ཡིན་ལ། ཟབ་པ་ནི་གཏིང་དཔག་དཀའ་བའོ། །ཞེས་གསུངས་སོ། །