11411

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་འཆལ་བ
Tibetan Definition <དུཥྤྲ་ཛྙཿ> ཤེས་རབ་སྐྱོན་ཅན་ཞེས་པའི་དོན་ཡིན། ཞིབ་ཏུ་བཤད་ན། ཤེས་རབ་ཉམས་ཤིང་རྒུད་དེ་བློ་མི་གསལ་བར་གྱུར་པ་དང༌། བློ་མི་བརྟན་པའམ་བརྗེད་ངས་ཆེ་བར་གྱུར་པ། བློ་བུལ་བ། ཡུལ་མི་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། ཐེ་ཚོམ་དང་བཅས་པར་གྱུར་པ་རྣམས་ལ་ཟེར། ཤེས་རབ་འཆལ་བ། ཤེས་འཆལ། འཆལ་བའི་ཤེས་རབ་རྣམས་དོན་འདྲ། སྒྲ་བཤད་ནི། རབ་ཏུའམ་ལེགས་པར་ཤེས་པས་ན་ཤེས་རབ། (ཤེས་རབ་ཀྱི་སྒྲ་བཤད་ཚེ། རབ་ཤེས་ཞེས་པ་ལྟ་བུར་ཚིག་སྔ་གོ་ལྡོག་ནས་བཤད་དགོས) འཆལ་བ་ནི་འཆོལ་བ་དང་དོན་འདྲ་བས་ནོར་བའམ་སྐྱོན་ནམ་ཉེས་པའི་དོན་ཡིན་པས། ཤེས་རབ་སྐྱོན་ཅན་ཞེས་པའོ། །ཤེས་རབ་འཆལ་བའི་སྐོར་རྗེའི་ལམ་རིམ་ཆེན་མོ་དང༌། ཐོག་མཐའ་མའི་ནང་ཟུར་ཙམ་གསལ། སྤྱིར་འཆལ་བའི་དོན། གཏད་སོ་མེད་པའམ་མི་བརྟན་པའམ་ཁུངས་མེད་པ་བཅས་ཀྱི་དོན་དུ་བཤད། ཤེས་རབ་འཆལ་བ། ཚུལ་ཁྲིམས་འཆལ་བ། འཆལ་པོ་སོགས་ལྟ་བུ།