11417

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་རྣམ་པ་བཞི
Tibetan Definition ཤེས་རབ་ཆེ་བ། ཤེས་རབ་གསལ་བ། ཤེས་རབ་མྱུར་བ། ཤེས་རབ་ཟབ་པ་དང་བཞིའོ། །ཤེས་རབ་ཆེ་བ་ནི། བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་ལ་ཟེར། འདིའི་ཤེས་རབ་ཆེ་བ་ཞེས་པ་ཤེས་རབ་རླབས་ཆེ་བ་ལ་གོ་དགོས། རྗེའི་བདེ་སྨོན་ལས། གཞན་ཡང་སྐྱེ་བ་ཐམས་ཅད་དུ་བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེ་བ་ཐོབ་པར་གྱུར་ཅིག །ཅེས་གསུངས་པ་ལྟར་རོ། །ཤེས་རབ་གསལ་བ་ནི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་འབྱེད་ནུས་པའི་ཤེས་རབ་ལ་ཟེར། རྗེའི་བདེ་སྨོན་ལས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་འབྱེད་ནུས་པའི་ཤེས་རབ་གསལ་བ་ཐོབ་པར་གྱུར་ཅིག། ཅེས་གསུངས་པ་ལྟར་རོ། །ཤེས་རབ་མྱུར་བ་ནི། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་བསམ་པ་སྐྱེས་མ་ཐག་ཏུ་མ་ལུས་པར་འགོག་ནུས་པའི་ཤེས་རབ་ལ་ཟེར། རྗེའི་བདེ་སྨོན་ལས། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་བསམ་པ་སྐྱེས་མ་ཐག་ཏུ་མ་ལུས་པར་འགོག་ནུས་པའི་ཤེས་རབ་མྱུར་བ་ཐོབ་པར་གྱུར་ཅིག །ཅེས་གསུངས་པ་ལྟར་རོ། །ཤེས་རབ་ཟབ་པ་ནི། གཞན་གྱིས་ཚད་གཟུང་མི་ནུས་པར་གསུང་རབ་ཀྱི་ཚིག་དོན་ལ་གཏུགས་པ་མེད་པར་འཇུག་པའི་ཤེས་རབ་ལ་ཟེར། རྗེའི་བདེ་སྨོན་ལས། གཞན་གྱིས་ཚད་གཟུང་མི་ནུས་པར་གསུང་རབ་ཀྱི་ཚིག་དོན་ལ་གཏུགས་པ་མེད་པར་འཇུག་པའི་ཤེས་རབ་ཟབ་པ་ཐོབ་པར་གྱུར་ཅིག། ཅེས་གསུངས་པ་ལྟར་རོ། །