1143

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་མེད་སྐུར་འདེབས་ཀྱི་ལྷག་མ
Tibetan Definition (འདུལ་བ) ལྷག་མ་བཅུ་གསུམ་གྱི་བརྒྱད་པ། གཞི་མེད་སྐུར་འདེབས་ཀྱི་ལྷག་མའི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་ལྟ་བ་རང་ཕྱོགས་ཡིན་ན་མཚན་མཐུན་རུང་མི་མཐུན་རུང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ། ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་གོས་པ་དང་ལྡན་པ་ལ་བསམ་པ་ཉམས་འདུན་གྱིས་སྦྱོར་བ་གསལ་པོས་ཕམ་པས་སྐུར་བ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་གྱད་བུ་ནོར་ལ་གཞི་མེད་པར་སྦྱོར་བ་གསལ་པོའི་སྒོ་ནས་ཕམ་པས་སྐུར་པ་བཏབ་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྡོམ་པ་ལ་སྐུར་བ་བཏབ་པའི་སྒོ་ནས་རང་རིགས་ཙམ་ལ་གནོད་པའོ། །