11444

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤྲཱི་ཧེ་རུ་ཀ
Tibetan Definition (ལེགས་སྦྱར) དཔལ་ཁྲག་འཐུང་སྟེ། འཁོར་ལོ་བདེ་མཆོག་གི་མཚན་གྱི་རྣམ་གྲངས་ཤིག ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་ཉིད། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་ཀྱེ་རྡོར་གྱི་རྒྱུད་ལས་གསུངས་པ་ལྟར་རོ། །གོང་གི་དོན་ནི། ཤྲཱི་ཞེས་པ་འདོད་ཅིང་བསྟེན་པར་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཐེག་པ་མཆོག་གི་གོ་འཕང་དོན་དུ་གཉེར་བས་བསྙེན་པའི་གནས་སུ་གྱུར་པའོ། །ཧེ་ཡིག་གིས་ནི་ཧེ་རུ་རྒྱུ་སྟེ་སོགས་ཁོངས་ནས་ཆོས་ཐམས་ཅད་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་སྐྱེ་བ་སྤངས་པས་སྟོང་པ་ཉིད་དོ།། རུ་ཡིག་གིས་ནི་རཱུ་པ་ཞེས་པ་གཟུགས་ཏེ་གནས་པ་དང་འཇིག་པའི་ཚོགས་ཐམས་ཅད་དང་བྲལ་བ། ཀ་ཡིག་གིས་ནི་ཀ་ཙི་ཏ་སྠི་ཏ་སྟེ། རྟག་པ་དང་ཆད་པའི་མཐའ་གཉིས་པོ་གང་དུའང་མི་གནས་པའོ་ཞེས་པ་སྟེ། འདི་ལ་ཁྲག་འཐུང་དུ་བརྗོད་པ་མི་ལེགས་ཞེས་ཀུན་མཁྱེན་བུ་སྟོན་འཆད་དོ། །ཞེས་ཀྱེ་རྡོར་གྱི་འགྲེལ་པར་གསལ་ལོ། །