1145

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་ལམ་འབྲས་གསུམ
Tibetan Definition སེམས་ཀྱི་ཆོས་ཉིད་ལ་གཞི། ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་ལམ། ཆོས་གཟུགས་ཀྱི་སྐུ་ལ་འབྲས་བུ་ཞེས་བྱའོ། །དེ་ཡང་ཆོས་ཉིད་གཏན་ལ་ཕབ། ལམ་སྒོམ། འབྲས་བུ་ཐོབ་པའོ། །དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། དགེ་བའི་བཤེས་གཉེན་ཆེན་པོ་སྤོང་ཤོད་ནང་པར་གནང་བའི་ཆབ་ཤོག་ལས། དྲི་བཅས་སེམས་ཀྱི་རང་བཞིན་གཞི༵། །ཐབས་ཤེས་ཟུང་དུ་འབྲེལ་བ་ལམ༵། །ཆོས་དང་གཟུགས་ཀྱི་སྐུ་གཉིས་འབྲ༵ས། །གཞི་ལམ་འབྲས་བུ་བསྡུས་པའོ། །ཞེས་གསུངས་པ་ལྟར་རོ། །ཡོངས་གྲགས་སུ་གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་ཞེས་བཤད་དོ། །