11455

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ཆུ་ལ་ཐིམ་ཞེས་པའི་དོན
Tibetan Definition འཆི་དུས་སུ་འབྱུང་བ་ཐིམ་རིམ་སྐབས་ས་ཆུ་ལ་ཐིམ་ཞེས་པ་ནི། རང་གི་ལུས་ཀྱི་ས་ཁམས་དེ་ཉིད་ཆུའི་ཁམས་ལ་དངོས་སུ་ཐིམ་ནས་ས་ཁམས་ཡེ་མེད་དུ་སོང་བ་མིན་པར། ས་ཁམས་ཀྱི་ནུས་པ་ཉམས་ནས། ཤེས་པའི་རྟེན་མི་བྱེད་པ་ལ་ས་ཆུ་ལ་ཐིམ་ཞེས་ཐ་སྙད་བྱས། ཆུ་མེ་ལ་ཐིམ་པ་སོགས་ལའང་དེ་དང་འདྲ། རྗེའི་གསུང་ཟིན་བྲིས་ལ་གཞི་བྱས། རྗེའི་རིམ་ལྔ་གསལ་སྒྲོན་ལས་ཀྱང༌། དེས་ན་སྔ་མ་ཕྱི་མ་ལ་ཐིམ་ཞེས་པ་ནི་སྔ་མའི་ནུས་པ་བསྡུས་ནས་མི་གསལ་དུ་སོང་བ་ན། ཕྱི་མ་ལ་ནུས་པ་འཕོས་པ་འདྲ་བ་ཅིག་བྱུང་བ་ལ་དེར་བཏགས་པ་ཙམ་མོ། །