11456

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ཆེན་ཀུན་དགའ་སྙིང་པོ
Tibetan Definition ས་སྐྱ་གོང་མ་ལྔའི་ཡ་གྱལ་ཏེ། དཔལ་ས་སྐྱ་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་འཁོན་དཀོན་མཆོག་རྒྱལ་པོའི་སྲས་ཡིན། ཕྱི་ལོ་༡༠༩༢ལོར་སྐུ་བལྟམས་ཤིང་། ཕྱི་ལོ་༡༡༥༨ལོར་གཤེགས་སོ། །མཁས་གྲུབ་ཆེན་པོ་འདི་ཐོག་མར་རྙིང་མ་དང་། དེ་ནས་གསང་སྔགས་མར་ཞུགས་པར་གསལ་ཏེ། ཕ་བོང་ཁ་པ་བདེ་ཆེན་སྙིང་པོའི་མདོ་སྔགས་ཀྱི་དྲིས་ལན་༡༡བ༣ལས། ས་ཆེན་ཀུན་དགའ་སྙིང་པོ་ཡང་དང་པོ་རྙིང་མ། དེ་ནས་རྙིང་མ་བཞག་སྟེ་སྔགས་གསར་མ་མཛད། ཅེས་གསལ་ལོ། །