11465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་དྲ
Tibetan Definition (ལེགས་སྦྱར) སྡེའམ་ཚོགས་པའི་མིང་། ཇོ་བོ་རྗེས་སྐྱོང་བའི་སྡེའམ་ཚོགས་པ་ལ་ཇོ་བོའི་ས་དྲ་ཟེར་བ་ལྟ་བུ། དེབ་སྔོན་སྟོད་ཆ་༣༢༡ལས། ས་དྲ་དེ་བོད་སྐད་དུ་སྡེའམ་ཚོགས་པ་ཟེར་བ་ཡིན། ཞེས་གསུངས། ཇོ་བོ་རྗེས་མཛད་པའི་༼ དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ ༽ལས་ “ས་ཏྲ” ཞེས་འབྱུང་བ་གཉིས་དོན་གཅིག་ཡིན་པར་སེམས་ཀྱང་། ས་དྲ་དང་ས་ཏྲ་གཉིས་གང་དག་པ་ཡིན་མིན་དཔྱད་དགོས་སོ། །