11466

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ཕྱོད
Tibetan Definition ས་ཆོད་དང་འདྲ། ས་ཕྱོད་ཅེས་པའི་ཚིག་འདི་ཡང་སྨྱུང་གནས་དང་། སྨྱན་བྱེད་པ། རྨྱིད་ལམ་མམ་རྨི་ལམ། བྱ་རྨྱང་། ཀླུང་རྟ་སོགས་དང་འདྲ་བར་དར་རྒྱུག་ཤིན་ཏུ་ཆེ་ལ་གོ་རྒྱུ་མེད་ཅིང་བཙན་ཤེད་ཀྱིས་བོད་ཀྱི་སྐད་ཡིག་གི་བཞུགས་གྲལ་མཐོན་པོར་འགྱིང་བའི་ཡི་གེ་ཞིག་གོ། དོན་དུ་ས་ཕྱོད་ནི་ས་ཆོད་རང་རེད། ས་ཆོད་ཅེས་པ་སྤྱིར་སླེབས་ཤུགས་དང་། རླབས། སྟོབས་ཤུགས་བཅས་ལ་ཟེར། འོན་ཀྱང་འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། ཕྱོད་ནི་ནུས་པའི་དོན་ལ་བཤད་དེ། ནུས་ན་ཞེས་བྱ་བ་ནི་ཕྱོད་པའོ། །ཞེས་གསུངས་སོ། །སྒྲ་བཤད་ནི་གོམ་སྟབས་ཀྱིས་ས་ཁྱོན་ཆེན་པོ་ཆོད་པ་སྟེ། སླེབས་པའམ་ནོན་པའི་དོན་རེད།